Buddhism-ནང་ཆོས།

A prayer to minimise curse- མི་ཁ་དགྲ་ཟློག་བཞུགས

A pray to minimise curse. Curse is invitable whether we are do good or bad in the society. If you pray and recite following lines of prayer everyday would help us to protect and wave off from all kinds of curse in our life.

ཧཱུྃ་ཧཱུྃ་ཧཱུྃ༔ བདག་ཉིད་གུ་རུ་པདྨ་དྲག་པོའི་སྐུ། །

གསལ་བའི་ཐུགས་ལས་ཁྲོ་བའི་བྱ་ཁྱུང་ཤར། །

བྱ་ཁྱུང་དཀར་པོས་ནམ་མཁའ་ཐམས་ཅད་ཁྱབ། །

བྱ་ཁྱུང་སེར་པོའི་བར་སྣང་མ་ལུས་ཁེངས ། །

བྱ་ཁྱུང་དམར་པོས་ས་གཞི་གཡོ་ཞིང་འཁྲིགས ། །

བྱ་ཁྱུང་ལྗང་ཁུའི་གཏམ་ངན་མི་ཁ་དུལ ། །

བྱ་ཁྱུང་ནག་པོའི་ཕྱོགས་མཚམས་མེད་པར་གཏམས ། །

མཚོན་ཆ་མེ་རླུང་ཐོག་སེར་སྐར་ལྟར་འཁྲུགས ། །

ཕྱོགས་བཅུའི་གཏམ་ངན་མི་ཁ་བྷྱོ་ཟློག་ཅིག ། །

གདོན་བགེགས་ལོག་འདྲེན་ཐམས་ཅད་ཚར་ཆོད་ཅིག །

ཨོཾ་ཨཱཿཧཱུྃ་ཨརྩིག་ནིརྩིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཕཊ༔

ཁྲོཾ་ག་རུ་ཌ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔

ཨོཾ་ཁྲོཾ་ཁྱུང་ཁྱུང་མི་ཁ་ཕ་ལ་ཆུཾ་ཆུཾ༔ ཁྱུང་ཁྱུང་མི་ཁ་མ་ལ་ཆུཾ་ཆུཾ༔ ཁྱུང་ཁྱུང་མི་ཁ་བུ་ལ་ཆུཾ་ཆུཾ༔ ཁྱུང་ཁྱུང་མི་ཁ་བུ་མོར་ཆུཾ་ཆུཾ༔ ཁྱུང་ཁྱུང་མི་ཁ་ཕྲག་དོག་ཆུཾ་ཆུཾ༔ ཁྲོཾ་ཁྲོཾ་མི་ཁ་སྲོག་ལ་ཁྲོཾ་ཁྲོཾ༔ ཨོཾ་པྲ་སོད༔ ཁ་ལ་རཀྴ་སོད༔ དུར་ཏ་དུར་མི་སོད༔ ཆུ་ཁ་ལ་མགོ་ལ་སོད༔ ཁྱུང་ཁྱུང་རཾ་རཾ་རྦད་རྦད༔ ངན་སེམས་ཚུར་ལ་འཆང་བའི་དགྲ་བོ་མི་ཁ་ཐམས་ཅད་རྦད་རྦད། མི་ཁ་བདག་པོའི་སྙིང་ལ་གཟིར་གཟིར༔ དབུགས་ལ་ཛཿཛ༔ སྲོག་ལ་རྦད་རྦད༔ ནད་ཐམས་ཅད་ཞི་ཞི་དུལ་དུལ་སྭཱ་ཧཱ༔གདོན་ཐམས་ཅད་ཞི་ཞི་དུལ་དུལ་སྭཱ་ཧཱ༔་མི་ཁ་ཐམས་ཅད་ཞི་ཞི་དུལ་དུལ་སྭཱ་ཧཱ༔ ལྷ་འདྲེ་མི་གསུམ་གྱི་གཏམ་ངན་མི་ཁ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ གདོན་བགེགས་ལོག་འདྲེན་གཏམ་ངན་མི་ཁ་ཐམས་ཅད་ལས་མཚམས་ཆོད་ཅིག༔ཁྲོཾ་གུ་རུ་ཌ་ཙ་ལེ་ཙ་ལེ་བཛྲ་རདྣ་པདྨ་ཀརྨ་རཀྵ་རཀྵ༔

ཨོ་རྒྱན་སློབ་དཔོན་པདྨ་འབྱུང་གནས་ཀྱིས་མོན་བུམ་ཐང་ལྕགས་མཁརརྒྱལ་པོ་ལ་གསུངས༔འབུམ་ལྡན་མཚོའི་ཕྱི་རབས་དོན་དུ་ཡི་གེར་བཏབ་ནས་པདྨ་འབྱུང་གནས་ཀྱིས་བྱིན་བརླབས་མཛད་ཅིང་གཏེར་དུ་སྦས༔ ལས་འཕྲོ་ཅན་དང་འཕྲད་པར་ལུང་བསྟན༔ གཏེར་སྲུང་ཤེལ་གིང་དཀར་པོ་ལ་བཅོལ༔ ས་མ་ཡ༔ རྒྱ༔ རྒྱ༔ རྒྱ༔

རང་ལོ་བཅུ་དྲུག་གནམ་ལོ་2000 སྤྲལ་ཟླའི་ཚེས་བཅུའི་ཉིན་ཨོ་རྒྱན་ཕྱག་རྡོར་གླིང་པས་མོན་བུམ་ཐང་སྐུ་རྗེས་ནས་སྤྱན་དྲངས་པའོ། ། དེ་ལེན་གཅིག་འདོན་ན་ཡང་དུས་སྙིགས་མའི་ནད་དང་གདོན་བགེགས་གཏམ་ངན་མི་ཁ་ཐམས་ཅད་ལ་ཟློག་པའི་མན་ངག་ཟབ་མོ་སརྦ་མདྒ་ལཾ།། །། བདག་ལྟ་བུ་ནི་མི་ངན་ཞིག་ལས་གང་ཡང་མིན་གཏེར་སྟོན་སྤྲུལ་སྐུའི་ཆ་ལུགས་རེད་དད་ལས་དོར་ཚར་མི་སྨྱོན་པ་ཞིག་ཡིན། དེའང་ཆུང་དུས་དག་པའི་སྣང་བ་ལས་འབྱུང་བ་རླག་ཏུ་ཤོར་ན་ཕངས་སེམས་ཆེ་ལྷག་བསམ་ཐོག་གནམས་ལོ2020-19 -12 ལ་སྤཻལ་བ་དགེ་ལེགས་འཕེལ།

1387
Please follow and like us: